དེ་དང་འདྲ་བའི་འདོད་པའི་ནུས་ཚད་ཀྱིས་ང་ཚོ་ཡིད་མི་ཚིམ་པའི་རྣམ་པ་ཞིག་ནས་ཡིད་མི་ཚིམ་པའི་རྣམ་པ་གཞན་ཞིག་ནས་གསེར་བཙོའི་ལག་རྩལ་བརྒྱུད་དེ་བདེ་སྐྱིད་དང་བློ་རིག་གི་ཉམས་ལེན་དུ་འགྱུར་བར་སྐུལ་འདེད་གཏོང་གི་ཡོད།


འདོད་པའི་ནུས་ཚད་དེ་བྱེད་སྟངས་འདི་འདྲ་ཞིག་ལ་བརྟེན་ནས་བེད་སྤྱོད་བྱས་ན་དེས་ང་ཚོར་ཡི་མི་རང་བ་བྱེད་མི་སྲིད་པར། ང་ཚོ་ཡི་མི་རང་བའི་རྒྱུ་རྐྱེན་མེད་པར་བཟོ་མི་ཐུབ་པ་སྟེ། ང་ཚོས་ངོ་བོ་ངོ་བོའི་ཐད་ཤེས་རྟོགས་རྩ་བ་ནས་མེད་ 


བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁྲོད་འདོད་པའི་ནུས་ཚད་ཀྱི་འཕོ་འགྱུར་འདི་རིགས་ནི་གཤམ་གྱི་རིགས་ཀྱི་བསྡུར་ཚད་ལ་བརྟེན་ནས་འགྲེལ་བཤད་བགྱི་ཆོག་པ་སྟེ། བཤད་པ་ལྟར་ན་འབུ་སྲིན་ཁ་ཤས་ནི་ཤིང་སྡོང་ལས་བྱུང་བ་རེད་ཟེར ཁོ་ཚོའི་ཚེ་སྲོག་ནི་སྡོང་བོའི་གཏིང་ནས་རུམ་འགྱུར་བྱུང་བ་རེད། དེའི་རྗེས་སུ་ཁོ་ཚོས་ཁོ་ཚོ་བཙས་པའི་སྡོང་བོ་དེ་ཟོས་ནས་འཚར་ལོངས་བྱུང་བ་རེད། དེ་བཞིན་འགྱུར་ལྡོག་བྱུང་བའི་ལག་ལེན་ལ་བརྟེན་ནས་མཐོང་རྒྱ་ལྡན་པའི་བློ་གྲོས་འབྱུང་བར་འདོད་པ་དང་། བློ་གྲོས་དེ་ལས་ལྡོག་སྟེ་ང་ཚོའི་བསམ་པ་སྒྲིབ་པའི་ལྡོག་ཕྱོགས་ཀྱི་བྱ་དངོས་ཡོད་ཚད་མེད་པར་བཟོ་ཐུབ་པ་དང་།


དེའི་ཐོག་ནས་སྤྱིར་བཏང་གི་འདོད་པ་འཁོར་སྐྱོད་དང་གོ་རྟོགས་སད་མཁན་གྱི་བྱ་སྤྱོད་གཉིས་རྦད་དེ་ཕྱིན་ཅི་ལོག་པ་ཞིག་ཡིན་པ་མཐོང་ཐུབ། འདོད་པ་ལས་བྱུང་བའི་སྤྲོ་སྣང་གི་ཉམས་ལེན་གྱིས་ང་ཚོའི་སེམས་ཁམས་རྒྱ་བསྐྱེད་པ་དང་། ང་ཚོས་ཚོད་འཛིན་ཡོད་ཚད་ཁྱད་བསད་བྱེད་ཐུབ་མོད། འོན་ཀྱང་རྒྱུན་པར་འདོད་པ་དང་བྱ་ཡུལ་དང་འབྲེལ་འདྲིས་བྱེད་པའི་སྤྲོ་སྣང་གིས་ང་ཚོའི་ཡིད་དབང་འཕྲོག་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད།